SHANTI Audio & Video Collections

a friendly audio-video platform for the UVa community

The Life and Work of Lodrö Püntsok

0
No votes yet
Tibetan Title: 
བློ་གྲོས་ཕུན་ཚོགས་ཀྱིས་རང་ཉིད་དང་ཁོང་གི་ལས་གཞིའི་སྐོར་མདོར་ཙམ་གླེང་བ།
Chinese Title: 
罗周彭措的生活与工作
བརྙན་ཐུང་འདིར་རྒན་བློ་གྲོས་ཕུན་ཚོགས་ལགས་ཀྱིས་རང་ཉིད་ཀྱི་ལོ་རྒྱུས་མདོར་བསྡུས་ཤིག་དང་ཁོང་གི་སྐུ་ཚེའི་ནང་དུ་བྱ་བ་ག་འདྲ་བྱས་ཚུལ་རྣམས་གསལ་བོར་གསུངས་ཡོད། ཁོང་ཉིད་མི་སེར་དཀྱུས་མ་ཞིག་གི་ཁྱིམ་དུ་སྐྱེས་པ་དང་། ཆུང་དུས་ནས་དགོན་པའི་གྲྭ་བཙུན་རྣམས་ཀྱི་གྲས་སུ་ཞུགས་ཏེ་སློབ་གཉེར་གནང་། དགུང་ལོ་བཅུ་དྲུག་གི་སྟེང་དུ་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེའི་དངོས་སློབ་ཚེ་རིང་ཕུན་ཚོགས་ཞུ་བ་དང་མཁན་པོ་ཁྲོ་རུ་ཚེ་རྣམ། མཁན་པོ་པདྨ་དམ་ཆོས། མཁན་པོ་ཕུན་ཚོགས་རྣམ་རྒྱལ་སོགས་ཀྱི་དྲུང་དུ་གསོ་རིག་གི་སྐོར་ལ་ཐོས་བསམ་མཛད་པ་དང་། ཁོང་རྣམ་པའི་སྐུ་མདུན་དུ་རིག་གནས་ཆུང་བ་ལྔའི་གཞུང་སྤྱི་དང་བཟོ་རིག་པའི་སྐོར་ལ་ཡང་སློབ་གཉེར་མཛད། རིག་གནས་གསར་བརྗེ་མཇུག་རྫོགས་རྗེས་རྫོང་སར་ཡུལ་གྱི་དགོན་པ་མང་པོའི་སླར་གསོའི་ལས་དོན་ལ་ཞུགས་མྱོང་བ་དང་སྐུ་སྒེར་ནས་སྨན་ཁང་བཙུགས་ཏེ་སྨན་པ་བྱས་མྱོང་། ཁྱད་པར་རྫོང་སར་དགོན་པའི་གྲྭ་ཚང་ཁག་སླར་གསོ་གནང་བ་དང་སྐུ་གསུང་ཐུགས་རྟེན་ཐམས་ཅད་གསར་དུ་བསྐྱར་བཞེངས་བྱས། དེ་ཡང་། ཁོང་གིས་གསུང་དོན་སངས་རྒྱས་བསྟན་པའི་འཕེལ་འགྲིབ་དེ་བཤད་སྒྲུབ་གཉིས་ལ་རག་ལས་པས། ཐོག་མར་བཤད་གྲྭ་བསྐྱར་གསོ་གནང་། གང་ནུས་ཀྱིས་མཁན་ཆེན་པད་མ་དམ་ཆོས་ལགས་གདན་འདྲེན་བྱས་པ་དང་། དགེ་བཤེས་མང་པོ་དབུས་གཙང་དང་ཁམས་ཕྱོགས་ཀྱི་གདན་ས་ཆེ་གྲས་ཁག་ལ་མངགས་ཏེ་བཤད་གྲྭ་འཕེལ་རྒྱས་སུ་བཏང་ཚུལ་ངོ་སྤྲོད་གནང་ཡོད། སྒྲུབ་གྲྭའི་ཆ་ནས་ཀྱང་བཤད་གྲྭ་ནས་ལོ་ལྔ་དྲུག་ལྷག་ལ་སློབ་གཉེར་བྱས་ཏེ་མཐར་ཕྱིན་པའི་དགེ་བཤེས་རྣམས་རིམ་པར་ཞུགས་ནས་སྒྲུབ་ཐེངས་ཀྱི་རིམ་པ་དང་། ཆོས་སྲོལ་ཕྱག་ལེན་སོགས་ཆ་ཚང་ཞིག་བཙུགས་ཚུལ་སོགས་གསུངས་ཡོད། མཐར་ཁོང་གིས་ནུས་ཚོད་ཀྱིས་སངས་རྒྱས་བསྟན་པ་དང་བོད་ཀྱི་རིག་གནས་ཐད་ལ་ཞབས་འདེགས་ཅུང་ཟད་ཙམ་ཞིག་ཞུས་པ་ཡིན་ཞེས་གསུངས་བྱུང་།
Details
People
Creator: 
Pakpa Dondrup
Creator Role: 
Director
Creator: 
Pakpa Dondrup
Creator Role: 
Cinematographer
Creator: 
Wendekhar
Creator Role: 
Editor
Creator: 
Trashi Dekyi
Creator Role: 
Interviewer
Contributor: 
Tibetan & Himalayan Library
Contributor Role: 
Facilitator
Contributor: 
Lodrö Püntsok
Contributor Role: 
Interviewee
Publisher: 
Tibetan & Himalayan Library
Publisher Role: 
Copyright Holder
Publisher: 
Tibetan & Himalayan Library
Publisher Role: 
Publisher